29/04/2026
གསལ་བསྒྲགས། Announcement
ཀཿཐོག་དགོན་པའི་དད་ལྡན་འབྲེལ་ཡོད་ལྷན་རྒྱས་རྣམས་ལ་ཆེད་ཞུ། དེ་ཡང་དགོངས་མངའ་བཞིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་ལོ་ལྟར་མཚམས་བསྙེན་སྒྲུབ་ལ་བཞུགས་བཞིན་ཡོད་སྟབས་ཕྱི་ལོ་ 2026 བོད་ཟླ་3 ཚེས་ 15 དང་ཕྱི་ཟླ་ 5 ཚེས་ 1 ནས་ བོད་ཟླ་9 ཚེས་ 25 ཕྱི་ཟླ་11 ཚེས་ 4 བར་ཟླ་བ་དྲུག་གི་རང་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཁ་བདུད་འདུལ་ཕུར་བ་རྡོ་རྗེ་གཞོན་ནུའི་དམ་མཚམས་ལ་བཞུགས་རྒྱུ་གཏན་ཁེལ་བ་དང་། གཞན་ཡང་གྲྭ་ཆུང་22 ཡང་ཀློང་གསལ་སྔོན་འགྲོ་ཉམས་ལེན་ཟླ་བ་དྲུག་རིང་གནང་རྒྱུ་ལགས་ན་འབྲེལ་ཡོད་ཚང་མའི་དེ་དོན་དགོངས་འཇགས་གནང་སྐྱོང་ཡོང་བར་ཞུ་ཞུ་ཞུ།
ཞེས་རྙིང་མ་ཀཿཐོག་དགོན་པའི་ཡིག་ཚང་ནས་ཕྱི་ལོ་2026 ཟླ་བ་ 4 ཚེས་ 25 ཉིན་གུས་ཕུལ།
To all faithful followers and associates of Katog Monastery:
As you may be aware, I, Gyasho Kyabtrul, enter a period of spiritual retreat and practice annually. It has been finalized that from May 1, 2026 (Tibetan 3rd Month, 15th Day) until November 4, 2026 (Tibetan 9th Month, 25th Day), I will be observing a strict six-month retreat focusing on the Dudul Phurba (Vajrakilaya), a treasure teaching (Terma) of Rigdzin Dudul Dorje.
Furthermore, 22 young monks will also be engaging in a six-month practice of the Longsal Ngöndro (preliminary practices) during this same period.
We kindly ask all concerned parties to take note of this schedule.
Respectfully issued by:
The Office of Nyingma Katog Monastery
April 25, 2026