Tibetan Settlement Office Shillong

Tibetan Settlement Office Shillong Tibetan Settlement office Shillong is a Unit of H.H.The Dalai Lama's Central Tibetan Relief Committe

Late post: The Tibetan community in Shillong joyfully celebrated the 91st birthday of His Holiness the Great 14th Dalai ...
09/07/2026

Late post: The Tibetan community in Shillong joyfully celebrated the 91st birthday of His Holiness the Great 14th Dalai Lama with a two-day event at Gaden Choeling Monastery, Upper Lumparing. On 6th July, the official birthday was marked with grandeur, featuring vibrant traditional Tibetan cultural performances by students of Sambhota Tibetan School and members of the Tibetan community. The celebration was further honoured by the presence of the Chief Guest, Shri Sanbor Shullai Ji, Honourable Cabinet Minister, Government of Meghalaya and other dignitaries.

On 7th July, the second day of the celebration commenced with a prayer session that lasted until 1:30 pm. This session was held to honor the profound sacrifice of Lobga Rangzen, also known as Lobsang Palden, who self-immolated in front of the United Nations headquarters in New York City on 2nd July, 2026, for the cause of Tibet. Following the prayer session, the celebration continued as scheduled until late in the evening.
ཤིས་ལོང་བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་གོ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གྲངས་གཉིས་རིང་དགའ་ལྡན་ཆོས་གླིང་དགོན་དུ་དགའ་དད་སྤྲོད་གསུམ་ངང་སྲུང་བརྩི་ཟབ་རྒྱས་ཞུས། དེའང་ཕྱི་ཚེས་ ༦ ཉིན་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོ་ཉིན་མགྲོན་གྱི་གཙོ་བོ་མངའ་སྡེ་བློན་ཆེན་སྐུ་ཞབས་སཱམ་བོར་སུ་ལའེ་མཆོག་དང་གཞན་སྐུ་མགྲོན་ཁག་དབུ་བཞུགས་ཐོག་སེར་སྐྱ་མི་མང་རྒྱས་འཛོམས་ཀྱིས་ལས་རིམ་ལྟར་སྲུང་བརྩི་ཞུ་པ་དང་སམ་བྷོ་ཊ་ཉིན་སློབ་སློབ་ཕྲུག་དང་ཤིས་ལོང་མི་མང་གི་རུ་ཁག་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་སྣེ་མང་མཆོད་པའི་ངོ་བོ་གཟིགས་འབུལ་ཞུས་ཡོད། ཕྱི་ཚེས་ ༧ འཁྲུངས་སྐར་ཉིན་གཉིས་པ་ཉིན་སྔ་དྲོ་ཚོུད་ ༡༠ ནས་ཉིིན་རྒྱབ་ཚོུད་ ༡།༣༠ བར་རྒྱལ་གཅེས་དཔའ་བོ་དམ་པ་བློ་བཟང་དཔལ་ལྡན་ནམ་བློ་དགའ་རང་བཙན་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་མཆོད་འབུལ་བས་དམ་པ་ཁོང་གི་བླ་ན་མེད་པའི་བློས་གཏོང་ལ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་མཚོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཚོགས་ཡོད། ཉིན་རྒྱབ་འཁྲུངས་སྐར་གྱི་ལས་རིམ་གཏན་འབེབས་ལྟར་སྲུང་བརྩི་ཀྱིས་མང་ཚོགས་རྩེད་རིགས་འདྲ་མིན་ལ་རོལ་ནས་ཕྱི་དྲོ་ཚོུད་ ༨།༣༠ ཐོག་ཉིན་གྲངས་གཉིས་རིང་གི་མཛད་སྒོ་མཇུག་བསྡུ་པའོ།

Official Statement of Sikyong Penpa Tsering, Central Tibetan Administration on the Self-Immolation of Lobga Rangzen outs...
04/07/2026

Official Statement of Sikyong Penpa Tsering, Central Tibetan Administration on the Self-Immolation of Lobga Rangzen outside UN Headquarters, New York

On June 10, 2026, as a part of the year-long celebration of the “Year of Compassion” honoring the 90th birth anniversary...
10/06/2026

On June 10, 2026, as a part of the year-long celebration of the “Year of Compassion” honoring the 90th birth anniversary of His Holiness the Great 14th Dalai Lama, the Regional Ghoton Celebration Committee of Shillong organised the display of His Holiness the Dalai Lama’s photograph along with inspirational quotes on the Advertising Screen at Police Bazar, Main Point, Shillong.

The 30-second promotional content will be continuously displayed for one week, from 10:00 a.m. to 10:00 p.m. daily, on the Police Bazar Advertising Screen. Through this initiative, the committee aims to share His Holiness the Dalai Lama’s profound message of universal responsibility, love, compassion, peace, and the promotion of human values to a larger number of people.

During the event, committee members distributed laddus (Indian sweet balls), drinking water, juice, and informational flyers to both local residents and tourists. The initiative received an overwhelmingly positive response, with many expressing deep appreciation for promoting His Holiness universal message benefiting humanity.

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་ཤིས་ལོང་ས་གནས་གོ་སྟོན་ཚོགས་ཆུང་གི་གོ་སྒྲིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ལས་རིམ་ཁྲོད་ཤིས་ལོང་ཁྲོམ་གཞུང་དུ་མི་ཚོགས་འདུ་འཛོམས་ཆེ་སར་པུ་ལི་སི་ཝ་ཛར་ཁུལ་གྱི་ཁྱབ་བསྒྲགས་གློག་བརྙན་ཆེ་བ་ཞིག་གླ་གཡར་གྱིས་སྔ་དྲོ་ཚོུད་ ༡༠ ནས་དགོང་དྲོ་ཚོུད་ ༡༠ བར་བདུན་ཕྲ་གཅིག་རིང་དུས་རྟག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཉམ་མགོན་པོ་གང་ཉིད་ཀྱི་འཛམ་གླིང་ཀུན་ལ་ཕན་པའི་བྱམས་སྙིང་རྗེ་དང་འགྲོ་བ་མི་གཅིག་གྱུར་འདུ་ཤེས་སོགས་ཀྱི་ཚིག་བརྗོད་ལས་སྒྲུབས་པའི་བརྙན་ཐུང་འགྲེམ་སྟོན་ཞུ་རྒྱུའི་ལས་རིམ་ཞིག་སྤེལ་ཡོད། དུས་སྐབས་དང་བསྟུན་ནས་གནས་ཡུལ་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་མང་དག་ལ་མངར་ཟས་ལཱ་ཀྲུ་དང་། འཐུང་ཆུ། མངར་ཆུ། ལས་རིམ་བསྒྲགས་ཤོག་བགོས་འགྲེམས་ཞུས་ནས་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ཁག་མང་ཚོགས་ཁྲོད་གཞི་རྒྱ་ཆེ་བ་ཁྱབ་སྤེལ་ཞུས་ནས་ལས་འགུལ་ལ་མང་ཚོགས་ནས་དམིགས་བསལ་དགའ་མོས་དང་བསྔགས་བརྫོད་གནང་མཁན་མང་པོ་བྱུང་ཡོད།

May 17, 2026: With the commencement of the most sacred Buddhist month, Saga Dawa—often referred to as the “Triple Blesse...
18/05/2026

May 17, 2026: With the commencement of the most sacred Buddhist month, Saga Dawa—often referred to as the “Triple Blessed Festival” marking the Birth, Enlightenment, and Parinirvana of Gautama Buddha—the Tibetan community of Shillong begins its annual Chi-Rim and Dolma Bhum-Ther mass public prayer. These prayers will be held daily from 6–9 am throughout the Saga Dawa month at the Tibetan Community Hall.

The objectives of offering mass public prayers during this auspicious month are to accumulate good karma and purify past misdeeds, all with the intention of benefiting every sentient-being and praying for the long life of His Holiness the Dalai Lama. The prayer is organized every year under the supervision of the Community Leader (Chi-Mi) and supported by the active participation of the general public.

This year, the Saga Dawa mass prayer takes on added significance as Tibetans around the globe are observing the Year of Compassion in honor of His Holiness the Dalai Lama’s 90th birthday. To mark this significant event, the regional Ghoton Committee members have released 2,000 small fish into Umiam Lake in Shillong, saving them from slaughter.

ཤིས་ལོང་ས་གནས་སྤྱི་མིའི་ཐུགས་འགན་གཙོ་བཞེས་ཐོག་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་སྐབས་སུ་ལོ་སྟར་ཆགས་ཤིས་ལོང་ས་གནས་མི་མང་གི་སྤྱི་ཁང་དུ་ཟླ་བ་འཁོར་མོ་གཅིག་སྔ་དྲོ་ཚོུད་ ༦ ནས་ ༩ བར་མི་མང་འདུ་འཛོམས་ཀྱིས་སྤྱི་རིམ་དང་སྒྲོལ་མ་འབུམ་ཐེར་གསོག་སྒྲུབ་ཞུ་སྲོལ་ཡོད་པ་བཞིན། འདི་ལོའི་ས་ག་ཟླ་བའི་དུས་ཆེན་དང་སྟབས་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་བྱམས་བརྩེ་ལོ་སྲུང་བརྩི་དང་འབྲེལ་ལོ་འཁོར་སྤྱི་རིམ་དང་སྒྲོལ་མ་འབུམ་ཐེར་གསོག་སྒྲུབ་ཀྱི་ཚོགས་མགོན་དུ་ཤིས་ལོང་དགའ་ལྡན་ཆོས་གློང་དགོན་པའི་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དངོས་སུ་དབུ་འཛུགས་གནང་ནས་ས་ག་ཟླ་བའི་དུས་ཚིགས་སྐབས་འགྲོ་བ་སེམས་ཅན་ཡོངས་ཀྱི་བདེ་ཐབས་སྤྱི་དང་། ཤིང་ལོང་ས་གནས་སུ་རྐྱེན་ངན་གོད་ཆགས་ཟློག་ཕྱིར། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པར་ཟླ་འདིར་ཉིན་ལྟར་མི་མང་འདུ་འཛོམས་ཀྱི་ཞབས་རིམ་གསུངས་འདོན་ཞུ་རྒྱུ་དང་། དུས་ཚིགས་ཁྱད་པར་ཅན་ཉིན་མོར་ས་གནས་གོ་སྟོན་ཚོགས་ཆུང་ནས་ཤིས་ལོང་ཨུམ་ཡམ་མཚོ་རུ་ཉ་ཆེ་ཆུང་གྲངས་ ༢༠༠༠ སྲོག་བླུ་གཏོང་ཐུབ་པ་བྱུང་ཡོད།

Shillong, April 22, 2026: As a part of yearlong observance of the “Year of Compassion”, honouring the 90th birth anniver...
23/04/2026

Shillong, April 22, 2026: As a part of yearlong observance of the “Year of Compassion”, honouring the 90th birth anniversary of His Holiness the Dalai Lama, the Tibetan Community in Shillong organized a Tree Plantation drive coinciding with International Mother Earth Day. A total of 113 sapling consisting of Gold crest pine, Cherry blossom & Rhododendron were planted within the area of Gaden Choeling Buddhist Monastery, Upper Shillong. During the plantation, a response from the Tibetan general public was overwhelming with active participation of large number of Tibetans reflecting the community’s shared values, unity and collective responsibility for preserving the environment for long time survival of all living creature.

ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ་སྐུའི་བླ་གཟའ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བའི་ལས་རིམ་ཆ་ཤས་སུ། ཤིས་ལོང་འདུ་སྡོད་བོད་མི་རྣམས་དགའ་ལྡན་ཆོས་གླིང་དགོན་པར་ལྷན་འཛོམས་ཀྱིས་རྒྱལ་སྤྱིའི་འཛམས་གླིང་ཉིན་མོ་དང་བསྟུན་ནས་དགོན་པའི་ཁུར་ཡུག་ནང་ཤིང་སོན་ Gold crest pine, Cherry blossom & Rhododendron བཅས་ཁྱོན་བསྡོམས་ཤིང་ལྡོང་ ༡༡༣ བཙུགས་ཡོད། ཤིང་ལྡོང་འདེབས་འཛུགས་ཀྱི་ལས་འགུལ་ནང་མང་ཚོགས་ནས་མཉམ་ཞུགས་ཆེན་པོ་གནང་ཡོད་པ་ནི་བོད་རིགས་སྤྱིའི་ཐུན་མོང་མ་ཡིན་པའི་རིན་ཐང་དང་། ཆིག་སྒྲིལ། དེ་བཞིན་སྐྱེ་འགྲོ་ཀུན་ཡུན་རིང་གསོན་གནས་ཆེད་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་མཉམ་རུབ་ཀྱི་འགན་འཁྲིད་བཅས་མཚོན་ཡོད།

On 17th March 2026, the 8th Local Tibetan Assembly of Shillong Tibetan Community convened third session of its tenure.ཕྱ...
23/03/2026

On 17th March 2026, the 8th Local Tibetan Assembly of Shillong Tibetan Community convened third session of its tenure.

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༧ ཉིན་ཤིས་ལོང་ས་གནས་འཐུས་ཚོགས་སྐབས་ ༨ པའི་ཚོགས་འདུ་ ༣ ཚོགས་བསྐོང་གནང་།

March 10, 2026, Tibetan Community of Shillong observed 67th anniversary of Tibetan National Uprising day at Tibetan Budd...
12/03/2026

March 10, 2026, Tibetan Community of Shillong observed 67th anniversary of Tibetan National Uprising day at Tibetan Buddhist Monastery, Upper Lumparing.
ཤིས་ལོང་བོད་དགོན་དུ་མིང་མང་འདུ་འཛོམས་ཀྱི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུས།

On January 26, 2025 Tibetan Settlement Office Shillong organized Tibetan Medicare System (TMS) awareness program to the ...
28/01/2026

On January 26, 2025 Tibetan Settlement Office Shillong organized Tibetan Medicare System (TMS) awareness program to the residents of Shillong at Tibetan Community Hall. During the event, Settlement Officer emphasized the importance of enrolment in TMS program within stipulated period, Health benefit & contribution, Medical coverage; and most significantly, the nature of TMS being non-profit health plan that aims to improve public health and well-being of the Tibetan community in-exile.
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༦ ཉིན་ཤིས་ལོང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་མི་མང་སྤྱི་ཁང་དུ་ཤིས་ལོང་གནས་སྡོད་བོད་མིའི་རྣམས་ལ་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་གོ་རྟོགས་ལས་རིམ་སྤེལ་ཡོད། སྐབས་དེར་ས་གནས་འགོ་འཛིན་གྱིས་སྨན་བཅོས་ལྟ་སྐྱོང་ལས་གཞི་ནང་དུས་བཀག་ནང་ཚུད་དེབ་སྐྱེལ་བྱ་རྒྱུ་གལ་གནད་དང། ལྷག་པར་དུ་ལས་གཞིའི་ཕན་ཡོན་དང་ཚོགས་དོད་འབུལ་ཕྱོགས། སྨན་བཅོས་ཀྱི་ཁྱབ་ཚད། དེ་བཞིན་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུ་ལས་ཁེ་བཟང་མི་གཉེར་བའི་ལས་འཆར་གལ་ཆེ་ཞིག་ཡིན་པའི་སྐོར་ནན་པོ་འགྲེལ་བརྗོད་ཞུས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་ལས་རིམ་ཁྲོད་ཤིས་ལོང་ས་གནས་གོ་སྟོན...
28/01/2026

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་ལས་རིམ་ཁྲོད་ཤིས་ལོང་ས་གནས་གོ་སྟོན་ཚོགས་ཆུང་ནས་ཟླ་རེའི་སྤྱི་ཚོགས་བདེ་དོན་ལས་གཞི་ཁོངས་ནོང་བདེང་ས་ཁུལ་དུ་རྟེན་གཞི་བྱས་པའི་ཨ་ཤཱ་བྷ་ཝན་སྨྱོས་རྫས་བཅོས་ཐབས་ལྟེ་གནས་ཁང་ཞེས་པའི་གཞུང་འབྲེལ་མིན་པའི་དེབ་སྐྱེལ་ཚོགས་པ་དེའི་སྤྱི་ཚོགས་བདེ་དོན་ལ་དམིགས་ཏེ་ཆང་རག་དང་སྨྱོ་རྫས་ངན་གོམས་སྐྱེ་བོ་རྣམས་གོམས་གཤིས་ངན་པ་ལས་ཐར་ཐབས་ཆེད་ལྟེ་གནས་ཁང་དུ་རིན་མེད་སྨན་བཅོས་དང། སྡོད་གནས། སློབ་གསོའི་ལམ་སྟོན་སོགས་མཐུན་རྐྱེན་སྦྱར་ནས་རྒྱུན་ལྡན་མི་ཚེ་མདུན་ལམ་སླར་གསོའི་ལས་གཞི་འགྲོ་མུས་ལ་གོ་སྟོན་ཚོགས་ཆུང་ནས་ལྟེ་གནས་ཁང་གི་དགོས་མཁོ་ལ་གཞིགས་ནས་བཟའ་བཅའ་རིགས། ཉལ་ཁང་དང་ཁྲུས་ཁང་གཙང་བཟོའི་ཡོ་ཆས། ཞལ་འདེབས་དངུལ་རྐྱང་བཅས་རོགས་ཕན་རྒྱ་མི་ཆུང་ཞིག་ཕུལ་ཐུབ་པ་བྱུང་ཡོད།
As part of the year long observance of the “Year of Compassion,” honouring the 90th birth anniversary of His Holiness the 14th Dalai Lama, the Regional Ghoton Organizing Committee Shillong carried out monthly social welfare initiatives by providing dry ration, toiletries products, house cleaning tools and cash donation made towards Asha Bhawan, a registered NGO for drug rehabilitation Centre based in Nongpdeng Shillong where free residential program offered aiming to overcome individuals from Alcohol & Substance abuse thus by restoring normal life free from addiction.

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༦ སྔ་དྲོ་ཚོུད་ ༩ ཐོག་ཤིས་ལོང་ས་གནས་མི་མང་གི་སྤྱི་ཁང་དུ་ས་གནས་འོས་བསྡུ་འགན་འཛིན་དང་ས་གནས་འགོ་འཛི...
27/01/2026

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༦ སྔ་དྲོ་ཚོུད་ ༩ ཐོག་ཤིས་ལོང་ས་གནས་མི་མང་གི་སྤྱི་ཁང་དུ་ས་གནས་འོས་བསྡུ་འགན་འཛིན་དང་ས་གནས་འགོ་འཛིན་གཅིག་ལྕོགས་ནས་མི་མང་འདུ་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུ་དང་འབྲེལ་བའི་འོས་བསྡུ་སྒྲིག་གཞི་དགོངས་དོན་བྱེད་སྒོ་ལམ་སྟོན་ཁག་ངོ་སྤྲོད་དང་དོགས་འདྲི་ཕེབས་པ་ཁག་ལ་གསལ་བཤད་ཞུས།
On January 26, 2026 at 9 am, Regional Tibetan Election Officer Cum Tibetan Settlement Officer based in Shillong hold a public meeting at Tibetan Community hall to create an awareness on the upcoming Sikyong & 18th Tibetan Parliament’s Preliminary election and explained in details the guidelines of election rules and regulation, Model code of conduct; and also clarify the queries raised by the participants.

Address

3rd Mile, Nongkseh
Shillong
793005

Alerts

Be the first to know and let us send you an email when Tibetan Settlement Office Shillong posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share