24/11/2026
མོང་སྒར་རྫོང་ཁག་འོག་གི་ས་གནས་གཞུང་ཐེངས་ ༤པའི་བཙག་འཐུའི་དང་འདོད་ཅན་གྱི་འདེམས་ངོ་ཡོངས་ལུ།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྫོང་ཁག་ཉི་ཤུའི་ནང་ ས་གནས་གཞུང་ཐེངས་ ༤པའི་ དང་འདོད་ཅན་གྱི་འདེམས་ངོ་ཡོངས་ཀྱི་དོན་ལུ་ གྲོས་འཛོམས་ལས་རིམ་ཅིག་འགོ་འདྲེན་འཐབ་པའི་བསྒང་ཡོད།
མོང་སྒར་རྫོང་ཁག་གི་གྲོས་འཛོམས་ལས་རིམ་འདི་ སྤྱི་ཚེས་ ༠༢-༡༢-༢༠༢༦ ལུ་འགོ་འདྲེན་འཐབ་ནིའི་ལས་འཆར་སྒྲིག་སྟེ་ཡོདཔ་ཨིན། དེ་འབདཝ་ལས་ རྫོང་ཁག་འོག་གི་ དང་འདོད་ཅན་གྱི་འདེམས་ངོ་ཡོངས་ལུ་ བཅའ་མར་གཏོགས་ནི་མགྲོན་ཞུ་འབདཝ་དང་ གྲོས་འཛོམས་འདི་ཡང་ རྫོང་ཁག་ཚོགས་འདུ་ཁང་རྙིངམ་ ༼མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ཉེ་འདབས་ལུ༽ནང་འགོ་འདྲེན་འཐབ་ནི་ཨིན།
དེ་ནང་བཅའ་མར་གཏོགས་ནི་དོན་ལས་ རྫོང་ཁག་བཙག་འཐུ་ཡིག་ཚང་ཡང་ན་ རང་སོའི་རྒེད་འོག་བདག་སྐྱོང་དང་མཉམ་ཐོ་བཀོད་མཛད་གནང།
ཐོ་བཀོད་དང་ཁ་གསལ་དོན་ལུ་ གཤམ་འཁོད་ལས་བྱེདཔ་ཚུ་དང་འབྲེལ་བ་མཛད་གནངཿ
༡༽ བཙག་འཐུ་འགོ་དཔོནཿ ༡༧༦༧༠༡༤༧
༢༽ ཐོ་བཀོད་འགོ་དཔོནཿ ༡༧༧༤༡༢༩༡
༣༽ བཙག་འཐུ་ལས་རོགསཔཿ ༡༧༤༦༠༡༥༠
༤༽ རང་སོའི་རྒེད་འོག་བདག་སྐྱོང་འགོ་དཔོན།
𝗟𝗢𝗖𝗔𝗟 𝗚𝗢𝗩𝗘𝗥𝗡𝗠𝗘𝗡𝗧 (𝗟𝗚) 𝗔𝗦𝗣𝗜𝗥𝗜𝗡𝗚 𝗖𝗔𝗡𝗗𝗜𝗗𝗔𝗧𝗘𝗦 𝗢𝗙 𝗠𝗢𝗡𝗚𝗚𝗔𝗥 𝗗𝗭𝗢𝗡𝗚𝗞𝗛𝗔𝗚!!!
The Election Commission of Bhutan (ECB) is conducting a Seminar for LG Aspiring Candidates for the 4th Local Government Elections 2027 in the twenty Dzongkhags. The seminar for Monggar Dzongkhag is scheduled on 02-Dec-2026. Therefore, all aspiring candidates are invited to attend the seminar at Old DT Hall (Near Monggar Higher Secondary School).
In order to participate, please register with Dzongkhag Election Office or through respective Gewog Administration.
For registration and query, contact the following officials
1. Dzongkhag Electoral Officer: 17670147
2. Electoral Registration Officer: 17741291
3. Electoral Assistant: 17460150
4. Respective Gewog Administrative Officer
"𝗬𝗼𝘂𝗿 𝗣𝗿𝗲𝘀𝗲𝗻𝗰𝗲 𝗳𝗼𝗿 𝗬𝗼𝘂𝗿 𝗥𝗲𝗮𝗱𝗶𝗻𝗲𝘀𝘀"