04/06/2026
𝟑 𝐉𝐮𝐧𝐞 𝟐𝟎𝟐𝟔: 𝐃𝐞𝐥𝐢𝐛𝐞𝐫𝐚𝐭𝐢𝐨𝐧 𝐨𝐧 𝐭𝐡𝐞 𝐁𝐮𝐝𝐠𝐞𝐭 𝐀𝐩𝐩𝐫𝐨𝐩𝐫𝐢𝐚𝐭𝐢𝐨𝐧 𝐁𝐢𝐥𝐥 𝐟𝐨𝐫 𝐅𝐘 𝟐𝟎𝟐𝟔–𝟐𝟎𝟐𝟕 𝐚𝐧𝐝 𝐭𝐡𝐞 𝐒𝐮𝐩𝐩𝐥𝐞𝐦𝐞𝐧𝐭𝐚𝐫𝐲 𝐁𝐮𝐝𝐠𝐞𝐭 𝐀𝐩𝐩𝐫𝐨𝐩𝐫𝐢𝐚𝐭𝐢𝐨𝐧 𝐁𝐢𝐥𝐥 𝐟𝐨𝐫 𝐅𝐘 𝟐𝟎𝟐𝟓–𝟐𝟎𝟐𝟔
རྩིས་ལོ་ ༢༠༢༦-༢༠༢༧ གྱི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༥-༢༠༢༦ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་གུར་ གསུང་གྲོས།
ད་རིས་ རྒྱལ་ཡོངས་ཚོགས་འདུ་གིས་ རྩིས་ལོ་ ༢༠༢༦-༢༠༢༧ གྱི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༥-༢༠༢༦ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་གུར་ གསུང་གྲོས་འཕྲོ་མཐུད་གནང་ཡི། ཚོགས་ཆུང་གིས་ ཚོགས་ཁང་ནང་ གྲོས་བསྡུར་དང་བརྩི་འཇོག་གི་དོན་ལུ་ གྲོས་འདེབས་ཁག་ ༡༡ ཕུལ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ གྲོས་འདེབས་ཚུ་ཡང་ དངུལ་འབྲེལ་གྱི་གྱོང་རྒུད་མར་ཕབ། རྒྱ་ཁྱབ་དངུལ་འབྲེལ་གྱི་རྒྱུན་བརྟན། ཕྱིའི་བུ་ལོན་འཛིན་སྐྱོང་། གོང་ཚད་ཡར་འཕར་དང་ འཚོ་བའི་གནས་སྟངས། དེ་ལས་ མ་རྩའི་འཆར་དངུལ་ལག་ལེན་འཐབ་ཐངས། རྒེད་འོག་ཚུ་གི་དོན་ལུ་ ལཱ་གི་གྲུབ་འབྲས་དང་འཁྲིལ་ཏེ་ གནང་སྦྱིན་ལམ་ལུགས། གཞུང་གི་ཚོང་ལས་ཁང་གི་གྲུབ་འབྲས། གྲོང་གསེབ་ཚེ་སྲོག་ཉེན་བཅོལ་འཆར་གཞི། སོ་ནམ་ཚོང་ཁང་གཞི་བཙུགས་དང་། བལྟ་བཤལ་ལས་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཚོགས་ཆུང་གི་ ཞིབ་རྟོག་དང་ གྲོས་འདེབས་ཕུལ་མི་ཚུ་གུར་ ཚོགས་དམངས་ཀྱིས་ གསུང་གྲོས་གནང་ཡོདཔ་ཨིན།
གྲོས་འདེབས་ཨང་ ༢ པའི་ཐད་ཁར་ ཚོགས་ཆུང་གིས་ དངུལ་འབྲེལ་གྱི་གྱོང་རྒུད་མཐོ་དྲགས་དང་ དངུལ་འབྲེལ་གྱི་རྒྱུན་བརྟན་ལུ་ ཉེན་ཁ་ཡོད་པའི་སྐོར་དང་ དངུལ་འབྲེལ་གྱི་གྱོང་རྒུད་འདི་ བརྒྱ་ཆ་ ༤ ལུ་ མར་ཕབ་འབད་དགོ་པའི་ གྲོས་འཆར་བཀོད་ཡོད་མི་དེ་གུར་ ཚོགས་དམངས་ཀྱིས་ གསུང་གྲོས་གནང་པའི་ཤུལ་ ཚོགས་ཁང་གིས་ གཞུང་གིས་ སྤྱི་ལོ་ ༢༠༢༦-༢༠༢༧ གྱི་བར་ན་ རྒྱལ་ཡོངས་ནང་འཁོད་ཡོངས་འབོར་ བརྒྱ་ཆ་ ༦.༥༤ སྦེ་ གྲོས་འཆར་བཀོད་མི་ལུ་ ཆ་འཇོག་མཛད་གནང་ཡི།
དེ་ལས་ གྲོས་འདེབས་ཨང་ ༣ པར་ ཚོགས་དམངས་ཀྱིས་ གསུང་གྲོས་གནངམ་ད་ ཆུར་བརྟེན་གློག་མེ་མེན་པའི་ ཕྱིའི་བུ་ལོན་དང་ ཕྱི་དངུལ་བརྗེ་སོར་གྱི་ཉེན་ཁ་གུར་ གཞུང་གིས་ ཕྱིའི་བུ་ལོན་གྱི་ཚ་གྱས་བརྟག་ཞིབ་ཚུ་ དུས་མཚམས་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ནི་དང་ ཕྱི་དངུལ་བརྗེ་སོར་གྱི་ཉེན་ཁ་མར་ཕབ་ཀྱི་དོན་ལུ་ ཐབས་ལམ་ཚུ་ བསྟར་སྤྱོད་འབད་དགོཔ་སྦེ་ ཚོགས་ཁང་གིས་ བཀའ་བསྐུལ་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་ལས་ གཞུང་གིས་ གནམ་དགུན་གྱི་ཚོགས་ཐེངས་ནང་ དེ་ལུགས་ཀྱི་ བསྐྱར་ཞིབ་སྙན་ཞུ་ཡང་ ཕུལ་དགོཔ་སྦེ་ གྲོས་ཆོད་གནང་ཡི།
གྲོས་འདེབས་ཨང་ ༤ པར་ གོང་ཚད་ཡར་འཕར་དང་ འཚོ་བའི་གནས་སྟངས་ཀྱི་ དཀའ་ངལ་བསལ་ནིའི་ཐབས་ལམ་གུར་ གཞུང་གིས་ གནམ་དགུན་གྱི་ཚོགས་ཐེངས་ནང་ལུ་ གོང་ཚད་ཡར་འཕར་གྱི་ བསྐྱར་ཞིབ་སྙན་ཞུ་ཞིག་ཕུལ་དགོ་ནི་དང་ དེ་བཟུམ་སྦེ་ར་ གྲོས་འདེབས་ཨང་ ༥ པ་ གསར་སྒྲུབ་མ་དངུལ་ལག་ལེན་གྱི་ཐད་ཁར་ཡང་ གཞུང་གིས་ གནམ་དགུན་གྱི་ཚོགས་ཐེངས་ནང་ བསྐྱར་ཞིབ་སྙན་ཞུ་ཞིག་ ཕུལ་དགོཔ་སྦེ་ བཀའ་བསྐུལ་གནང་སྟེ་ ཆ་འཇོག་གྲུབ་གནང་ནུག།
དེ་ལས་ གྲོས་འདེབས་ཨང་ ༦ པ་ གྲུབ་འབྲས་དང་འཁྲིལ་ཏེ་ གནང་སྦྱིན་ལམ་ལུགས་ཀྱི་ གནད་དོན་འདི་གུར་ གསུང་གྲོས་གནང་པའི་སྐབས་ ཚོགས་ཆུང་གིས་ ལཱ་གི་གྲུབ་འབྲས་དང་འཁྲིལ་ གཞི་རྟེན་པའི་ལམ་ལུགས་ འདྲ་མཉམ་བཟོ་དགོཔ་སྦེ་ གྲོས་འདེབས་ཕུལ་མི་དེ་ལུ་ རྒྱབ་སྐྱོར་མ་ཐོབ་པར་ བློན་ཆེན་གྱིས་ གྲུབ་འབྲས་གཞིར་བཞག་གི་ གནང་སྦྱིན་ལམ་ལུགས་འདི་ རྒེད་འོག་རྐྱངམ་གཅིག་མེན་པར་ འདི་ལས་ལྷག་སྟེ་ རྒྱ་སྐྱེད་འབད་ཞིནམ་ལས་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ཡང་ གྲངས་སུ་བཙུགས་ནིའི་སྐོར་ལས་ ལྷན་ཐབས་ཀྱི་རྒྱབ་སྣོན་ཕུལ་མི་དེ་ལུ་ མང་མོས་ཀྱིས་ རྒྱབ་སྐྱོར་ཐོག་ལས་ ཆ་འཇོག་གྲུབ་པའི་ཤུལ་ ཚོགས་ཁང་གིས་ ད་རུང་ དངུལ་རྩིས་ལྷན་ཁག་ལུ་ གནད་དོན་འདི་གུར་ བསྐྱར་ཞིབ་འབད་ཞིན་ན་ གྲུབ་འབྲས་ཚུ་ གསལ་སྟོན་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན།
གྲོས་འདེབས་ཨང་ ༧ པ་ གཞུང་གི་ཚོང་ལས་ཁང་གི་ གྲུབ་འབྲས་ཀྱི་ཐད་ཁར་ ཚོགས་ཁང་གིས་ དངུལ་རྩིས་ལྷན་ཁག་དང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གཉིས་ལུ་ དེ་འབྲེལ་གྱི་ དགོས་མཁོའི་བསྐྱར་ཞིབ་ཚུ་འབད་དེ་ གནམ་དགུན་གྱི་ཚོགས་ཐེངས་ནང་ལུ་ སྙན་ཞུ་ཕུལ་དགོཔ་སྦེ་ བཀའ་བསྐུལ་གནང་ཡི།
གྲོས་འདེབས་ཨང་ ༨ པའི་ཐད་ཁར་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་འཆར་གཞི་འདི་ གཞུང་གིས་ གྲོས་འཆར་ཕུལ་མི་ལྟར་དུ་ ཆ་འཇོག་གནང་ཡོདཔ་མ་ཚད་ གྲོས་འདེབས་ ༩ པ་ སོ་ནམ་ཚོང་ཁང་གཞི་བཙུགས་འབད་ནི་གི་ གནད་དོན་དེ་ཡང་ ཆ་འཇོག་མཛད་གནང་ཡོད།
གྲོས་འདེབས་ ༡༠ པ་ རྡོ་སྐྱོང་ལ་དང་ དབང་འདུས་བར་ནའི་ རྒྱལ་ཡོངས་གཞི་རིམ་གཞུང་ལམ་གུར་ རྩི་ནག་བསྐྱར་ལོག་གཏང་ནིའི་ འཆར་དངུལ་བགོ་བཀྲམ་བཞག་མི་འདི་ ཚོགས་ཆུང་གིས་ ཕྱིར་བཏོན་འབད་དགོ་པའི་ གྲོས་འདེབས་ཕུལ་མི་གུར་ ཚོགས་དམངས་ལས་ མང་མོས་ཀྱི་ རྒྱབ་སྐྱོར་ཐོབ་མ་ཚུགསཔ་ལས་བརྟེན་ ཚོགས་ཁང་གིས་ གཞུང་གིས་ གྲོས་འཆར་བཀོད་མི་ལྟར་དུ་ འཆར་དངུལ་བགོ་བཀྲམ་འབད་ནི་ལུ་ ཆ་འཇོག་མཛད་གནང་ཡོདཔ་ཨིན་པས།
དེ་ལས་ གྲོས་འདེབས་ ༡༡ པ་ བལྟ་བཤལ་ལས་སྡེ་ཡར་དྲག་གཏང་ནི་གི་ཐད་ཁར་ ཚོགས་དམངས་ཀྱིས་ དངུལ་རྩིས་ལྷན་ཁག་དང་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་གིས་ ལྷན་ཐབས་འཆར་དངུལ་བགོ་བཀྲམ་གུར་ གྲོས་འཆར་བཀོད་མི་དེ་ ཕྱིར་བཏོན་འབད་དགོ་པའི་ གྲོས་འདེབས་ཕུལ་མི་ལུ་ཆ་འཇོག་གྲུབ་ཅི།
རྩིས་ལོ་ ༢༠༢༦-༢༠༢༧ གྱི་ འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༥-༢༠༢༦ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་དེ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གནང་ནི་གི་མཛད་རིམ་འདུག།
The National Assembly continued its deliberation on the Budget Appropriation Bill for FY 2026–2027 and the Supplementary Budget Appropriation Bill for FY 2025–2026 today. The Committee had submitted eleven recommendations for the House’s consideration.
The House deliberated on the Committee’s observations and recommendations concerning fiscal deficit reduction, macro-fiscal stability, external debt management, inflation and cost of living, capital budget utilization, the performance-based grant system for Gewogs, the performance of State-Owned Enterprises, the Rural Life Insurance Scheme, establishment of farm shops, road infrastructure development, and tourism sector support.
With regard to recommendation no. 2 where the committee had recommended the reduction of fiscal deficit to 4% of GDP concerning High Fiscal Deficit and Risks to Macro-Fiscal Stability, the House after deliberation endorsed the Government’s proposed fiscal deficit of 6.54 percent of GDP for FY 2026–2027.
The House endorsed Recommendation No. 3 on non-hydro external debt and foreign exchange risks, directing the Government to conduct periodic stress testing of external debt and implement measures to mitigate foreign exchange exposure risks. The Government was also directed to present a review report during the Winter Session.
The House further endorsed Recommendation No. 4 on measures to address inflation and the cost of living, directing the Government to submit a review report on inflation during the Winter Session. Additionally, the House endorsed Recommendation No. 5 on capital budget utilization and directed the Government to present a review report during the Winter Session.
On Recommendation No. 6 concerning the performance-based grant system, the House did not endorse the Committee’s recommendation. Instead, it endorsed the additional recommendation proposed by the Prime Minister to expand the performance-based grant system beyond Gewogs to include Dzongkhags and Thromdes. The House further directed the Ministry of Finance to conduct a review and present its findings.
With regard to Recommendation No. 7 on the performance of State-Owned Enterprises, the House directed the Ministry of Finance and the Ministry of Agriculture and Livestock to undertake the necessary review and present a report during the Winter Session.
The House endorsed Recommendation No. 8 on the Rural Life Insurance Scheme as proposed by the Government, under which beneficiaries are required to contribute a premium of Nu. 87, while the Government provides life insurance coverage of Nu. 150,000 which will be implemented from January 2027.
With regard to Recommendation No. 9 on the establishment of farm shops, the Committee recommended that the Government undertake a comprehensive assessment of previous farm shop initiatives, including the factors contributing to their operational and financial challenges, before making further investments. The Committee also recommended exploring private sector partnerships for the operation and management of farm shops. In response, the Government informed the House that the initiative, which began two years ago, did not achieve the intended success. Drawing lessons from this experience, the Government has developed clear criteria and responsibilities for the establishment and operation of farm shops. Following consultations with Thrizins from all 205 Gewogs, around 90 expressions of interest were received, of which 40 farm shops were selected for implementation based on the new criteria. The Ministry further clarified that the farm shops would be operated by private entities. As the Government was already implementing the initiative in line with the Committee’s recommendation, the House noted the response and did not require a separate review report.
Regarding Recommendation No. 10 on the proposed budget allocation for the resurfacing of the Dochula–Wangdue Primary National Highway, the Committee’s recommendation did not receive majority support in the House. Consequently, the House approved the budget allocation as proposed by the Government.
On Recommendation No. 11 concerning tourism sector development, the House endorsed the position presented by the Ministry of Finance and the Ministry of Industry, Commerce and Employment that there was no immediate requirement for an additional budget allocation of Nu. 39 million. The Government clarified that adequate support would be provided to the tourism sector as and when required to facilitate its continued development.
The Budget Appropriation Bill for FY 2026–2027 and the Supplementary Budget Appropriation Bill for FY 2025–2026 will be tabled for adoption on 4 June 2026.